- Lyrics
- Album list
澤旺拉姆
-
慈父
Lyricist:門衛布 Composer:陳裡俄熱
ཕ་དྲིན་ཆེན། ཚིག སྨིན་དབུས་པོ། དབྱངས། འཕྲིན་ལས་འོད་ཟེར། ལེན་མཁན། ཚེ་དབང་ལྷ་མོ། སྤྲེལ་བྱང་སེམས་ལྡན་པའི་བུ་རྒྱུད་ལ།། རྗེ་གཉའ་ཁྲི་བཙན་པོའི་གདུང་རིགས་མཆོག། ལྷོ་འཛམ་གླིང་འདི་ཡི་བཙན་པོའི་རིགས།། ང་གདོང་དམར་བོད་ཀྱི་ཕ་རྒྱུད་ལགས།། གངས་དཀར་པོའི་ཡ་བདག་དྲིན་ཆེན་ཕ།། མཁར་དཀར་པོའི་རྒྱལ་མཚན་ནུབ་མེད་བསྒྲེངས།། དཔུང་རུ་བཞིའི་སྣ་འདྲེན་དྲིན་ཆེན་ཕ།།ཕ་དྲིན་ཆེན། དཔའ་གཡུ་རྒྱལ་ལོ་རྒྱུས་རྡོ་ལ་བརྐོས།། ཕ་དྲིན་ཆེན་འཇིག་རྟེན་མགོན་པོ་ཡིན།། ཕ་དྲིན་ཆེན་འཚོ་བའི་སྲོག་ཤིང་ཡིན།། ཕ་དྲིན་ཆེན་བདེ་སྐྱིད་རྟེན་གཞི་ཡིན།། ཕ་དྲིན་ཆེན་བཀའ་དྲིན་བརྗེད་པ་མེད།། ཕ་དྲིན་ཆེན་འཇིག་རྟེན་མགོན་པོ་ཡིན།། ཕ་དྲིན་ཆེན་འཚོ་བའི་སྲོག་ཤིང་ཡིན།། Find more lyrics at ※ Mojim.com ཕ་དྲིན་ཆེན་བདེ་སྐྱིད་རྟེན་གཞི་ཡིན།། ཕ་དྲིན་ཆེན་བཀའ་དྲིན་བརྗེད་པ་མེད།། སྤྲེལ་བྱང་སེམས་ལྡན་པའི་བུ་རྒྱུད་ལ།། རྗེ་གཉའ་ཁྲི་བཙན་པོའི་གདུང་རིགས་མཆོག། ལྷོ་འཛམ་གླིང་འདི་ཡི་བཙན་པོའི་རིགས།། ང་གདོང་དམར་བོད་ཀྱི་ཕ་རྒྱུད་ལགས།། གངས་དཀར་པོའི་ཡ་བདག་དྲིན་ཆེན་ཕ།། མཁར་དཀར་པོའི་རྒྱལ་མཚན་ནུབ་མེད་བསྒྲེངས།། དཔུང་རུ་བཞིའི་སྣ་འདྲེན་དྲིན་ཆེན་ཕ།། དཔའ་གཡུ་རྒྱལ་ལོ་རྒྱུས་རྡོ་ལ་བརྐོས།། ཕ་དྲིན་ཆེན་འཇིག་རྟེན་མགོན་པོ་ཡིན།། ཕ་དྲིན་ཆེན་འཚོ་བའི་སྲོག་ཤིང་ཡིན།། ཕ་དྲིན་ཆེན་བདེ་སྐྱིད་རྟེན་གཞི་ཡིན།། ཕ་དྲིན་ཆེན་བཀའ་དྲིན་བརྗེད་པ་མེད།། ཕ་དྲིན་ཆེན་འཇིག་རྟེན་མགོན་པོ་ཡིན།། ཕ་དྲིན་ཆེན་འཚོ་བའི་སྲོག་ཤིང་ཡིན།། ཕ་དྲིན་ཆེན་བདེ་སྐྱིད་རྟེན་གཞི་ཡིན།། ཕ་དྲིན་ཆེན་བཀའ་དྲིན་བརྗེད་པ་མེད།།
-
|